![]() |
| Pilgrims at the historic site of Dorji Dhen |
གྲང་མེད་བསྐལ་པ་མང་པོ་འཇིག་རྟེན་འདི་རུ་འཁོར།།
རང་ཡང་འདི་ཡི་འཁོར་བའི་རོ་གཅིག་གནས་འདི་ལ།།
སྔོན་བྱེད་ལས་འབྲས་བསླུ་བ་མེད་པའི་ཆོས་དེ་ལས།།
འཇིག་རྟེན་མཐའ་མེད་འཁོར་བའི་འཚོ་འདིཡི་རྟིང་ལ་ཐིམ།།
རང་ཡང་འདི་ཡི་འཁོར་བའི་རོ་གཅིག་གནས་འདི་ལ།།
སྔོན་བྱེད་ལས་འབྲས་བསླུ་བ་མེད་པའི་ཆོས་དེ་ལས།།
འཇིག་རྟེན་མཐའ་མེད་འཁོར་བའི་འཚོ་འདིཡི་རྟིང་ལ་ཐིམ།།
རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཅན་ཡིད་ལ་བཞག།
གཞན་ཕན་བྱེད་པས་བདེ་བསྐྱིད་རང་ལ་འབྱུང་བར་གྱིས།།བྱང་ཆུབ་སེམས་པ་རྣམས་དང་སྨོན་ལམ་རོ་གཅིག་བཏབ།།
ནམ་འཁའ་མཉམ་པའི་འགྲོ་བའི་བསྡུག་བསྔལ་ཡིད་ལ་བསམ།།
ཕྱག་འཚལ་བསྐོར་བ་ཁ་མཐུན་དགེ་བསྦྱོར་སོགས་པའི་འབྲས།།
བྱང་ཆུབ་མ་ཐོབ་བར་དུ་འགྲོ་བའི་དོན་དུ་བསྔོ།།
བདག་གི་སྙིང་ལ་བྱང་སེམས་བརྟེན་པར་འཛིན་བྱེད་ན།།་
འགྲོ་བ་མང་པོས་དེཡི་བསྡུག་བསྔལ་མཐོང་བར་གྱིས།།

No comments:
Post a Comment